大乘觉悟道
雍仲本波佛教网
www.bonpo.com.cn

最新图文 更多内容
     
 
  热门文章 更多内容
 
     
     
 
  推荐文章 更多内容
 
     
     
 
  相关文章  
本教施身法
雍仲本教之母续——胜密究竟母续…
本教大圆满·窍诀珍宝阿车十五座
药王佛仪轨如意宝鬘
摘译:来自象雄的大圆满
至尊上师丹增南达仁波切开示
本教八关斋戒法
生根活佛关于分别教派的慈悲开示
本教《集经》简介
《雍仲业净续》之简介
 
     
     
 
心髓明点遍布经 藏汉双语版(雍仲本教心经)
 
作者:卡耐尔活… 文章来源:转载 点击数:2186 更新时间:2015-11-3 19:39:04

  

ཡང་སྙིང་ཐིག་ལེ་བདལ་བའི་མདོ།

ཞང་ཞུང་སྐད་དུ་། གུ་གེ་ཕྱོད་སྨིན་སད་ཝེར་རང་། མུ་ཡེ་ཞི་ལ་པྲོང་རྩེ་ནན། འཕྱོ་སངས་སངས་སྟེ། ཨེ་མ་ཧོ།། བོད་སྐད་དུ་། འཕྲུལ་གྱི་ཡི་གེ་སུམ་བཅུས། མན་ངག་གི་དོན་བསྟན་པ། ཁམས་བརྒྱད་གཏན་ལ་ཕབ་པ། སྟོང་ཕྲག་བརྒྱ་བ་རྩ་བའི་འབུམ་ལས། སྲིད་པའི་གླེང་གཞི། ཚིག་གི་རྩེ་མོ།། དོན་གྱི་ས་གཅོད། དུམ་བུ་གཅིག་པ། བམ་པོ་དང་པོ།། ལེའུ་ཐོག་མའོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། རི་རྒྱལ་ལྷུན་པོའི་ཕོ་བྲང་ན། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་རུ། འཁོར་གྱི་གཤེན་ཕྲན་ལྔ་སྟོང་ལྔ་བརྒྱ་དང་། འཁོར་གྱི་དམ་པ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་། ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན། འཕྲུལ་བོན་གསང་བ་ངང་རིང་དང་། གཞན་ཡང་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས། བླ་ན་མེད་པའི་མཆོད་པ་ཡོངས་སུ་གཏོང་བ་སྤྲིན་གྱི་རྒྱན་ཞེས་བྱ་བ་བཤམས་ནས་སྟོན་པ་ལ་མཆོད་པ་ཕུལ་ལོ།། དེ་ནས་སྟོན་པ་གཤེན་རབ་མི་བོས། མཆོད་པ་དེ་དག་ཐམས་ཅད་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ནས། ཐུགས་ཡང་དག་པའི་དགོངས་པ་ལ་བཞུགས་ནས།། བླ་ན་མེད་པ་ཡང་དག་པའི་དོན་ལ་ཡོངས་སུ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཞེས་བྱ་བའི་སྨོན་ལམ་བཏབ་པ། དེའི་ཚེ་དེའི་དུས་ན། གཤེན་རབ་མི་བོས་བཀའ་རྩལ་པ། འཕྲུལ་བོན་གསང་བ་ངང་རིང་དང་། གཞན་ཡང་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་རྣམས། བོན་ཐམས་ཅད་གཞི་དང་རྩ་བ་ཡོངས་སུ་བདག་ཉིད་ལ་འདུས་སོ།། བོན་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བས། ཡེ་ནས་རྣམ་པར་རྟོག་པ་ཅི་ཡང་དམིགས་སུ་མེད་པ་སྟེ་མཉམ་པ་ཉིད་ཀྱི་དོན་ལ་ཡོངས་སུ་འདུས་པར་བཤད་ཀྱིས། གཡུང་དྲུང་སེམས་དཔའ་རྣམས་འདི་ལ་རབ་ཏུ་ཉོན་ཅིག། དེ་གང་ཞེ་ན། བོན་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཅིར་ཡང་དམིགས་སུ་མེད་པ་སྟེ།མ་བཅོས་པའི་ཐིག་ལེ་གཅིག་ལ་བཞག་པར་བྱའོ།། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིག་དང་། གཟུགས་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་དང་། ཡིད་དང་། བོན་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱིས་ཚོར་བ་དང་། རླུང་གི་ཁམས་དང་། མེའི་ཁམས་དང་། ཆུའི་ཁམས་དང་། སའི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་།ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་སོགས་ཉོན་མོངས་པ་འཁོར་བའི་བོན་ཐམས་ཅད་ཀྱི། ངོ་བོ་ཉིད་ཅིར་ཡང་དམིགས་སུ་མེད་པ་སྟེ། མ་བཅོས་པའི་ཐིག་ལེ་གཅིག་ལ་བཞག་པར་བྱའོ།། དེ་བཞིན་དུ་སྦྱིན་པའི་བླ་ན་མེད་པར་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། བཟོད་པའི་བླ་ན་མེད་པར་ཕྱིན་པ་དང་། བརྩོན་འགྲུས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། བསམ་གཏན་གྱི་བླ་ན་མེད་པར་ཕྱིན་པ་དང་། སྟོབས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། སྙིང་རྗེའི་བླ་ན་མེད་པར་ཕྱིན་པ་དང་། སྨོན་ལམ་གྱི་བླ་ན་མེད་པར་ཕྱིན་པ་དང་། ཐབས་ཀྱི་བླ་ན་མེད་པར་ཕྱིན་པ་དང་། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་དང་། ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་བཞིན་མེད་པ་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། བོན་ཐམས་ཅད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་རྣམས་དང་། ཏིང་ངེ་འཛིན་དང་། གཤེན་རབ་ཀྱི་ལམ་བཞི་དང་། མི་འཇིགས་པའི་སྟོབས་དང་། ཐར་པའི་ལམ་བརྒྱད་དང་། ཕྱིར་མི་ལྡོག་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ཚད་མེད་པ་བཞི་དང་། གཡུང་དྲུང་གི་བོན་ཕྱེ་བ་མེད་པ་ལ་མ་འདྲེས་པ་དགུ་དང་། ཡང་དག་པའི་རིག་པ་ཉིད་དང་། བོན་གཡུང་དྲུང་གི་དབྱིངས་དགུ་དང་། ཡེ་ཤེས་ཆེན་པོ་ལྔ་དང་། གཡུང་དྲུང་གི་ཡན་ལག་དགུ་དང་། གཤེན་རབ་ཀྱི་བདེན་པ་བཞི་དང་། སོ་སོ་ཡང་དག་པའི་རིག་པ་བཞི་དང་། མི་བསྙེལ་བའི་གཟུངས་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཚན་མ་མེད་པ་ལ་སྙོམས་པར་འཇུག་པ་བཞི་དང་། བོན་གཡུང་དྲུང་གི་དབྱིངས་ཐམས་ཅད་དང་། རྒྱུན་དུ་གནས་པའི་ཐུགས་རྗེ་དང་། རྟོགས་པ་ཆེན་པོའི་ལྟ་བ་དང་། བསྲུང་དུ་མེད་པའི་དམ་ཚིག་དང་། ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང་། རྣམ་པར་དག་པའི་སྤྱོད་པ་དང་། ལེགས་པར་འབྱུང་བའི་ཡོན་ཏན་དང་། སྙོམས་པར་གནས་པའི་ངང་ཉིད་དང་། འགྱུར་བ་མེད་པའི་སྐུ་དང་། རང་བཞིན་མེད་པའི་གསུང་དང་། མཉམ་ཉིད་འཁྲུལ་པ་མེད་པའི་ཐུགས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ལ་སོགས་མྱ་ངན་ལས་འདས་པའི་བོན་ཐམས་ཅད་ཀྱི་ངོ་བོ་ཉིད་ནི། ཅིར་ཡང་དམིགས་སུ་མེད་པ་སྟེ། མ་བཅོས་པའི་ཐིག་ལེ་གཅིག་ལ་བཞག་པར་བྱའོ།། མ་བཅོས་པའི་ཐིག་ལེ་གཅིག་ལ་བཞག་ནས་ཀྱང་། བཀའ་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ། ཨེ་མ་ཧོ།། ཨ་ཨཱོྃ་ཧཱུྃ་རམ་ཛ། སད་ས་ལེ་སང་ངེ་ཡེ་སྭཧཱ། ཡང་སྙིང་འདུས་པའི་སྔགས་འཛབ་འདི་བརྗོད་པ་ཙམ་གྱིས་སེམས་ཅན་མ་སྨིན་པ་རྣམས་སྨིན་པར་གྱུར་ཅིག། མ་གྲོལ་བ་རྣམས་གྲོལ་བར་གྱུར་ཅིག། གྲོལ་བ་རྣམས་མཐའ་རུ་ཕྱིན་པར་གྱུར་ཅིག། ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་རྫོགས་སངས་རྒྱས་པར་གྱུར་ཅིག། ཡང་སྙིང་ཐེག་ལེ་བདལ་བའི་མདོ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། རྩ་བའི་འབུམ་ལས་སྲིད་པའི་གླེང་གཞི་ཚིག་གི་རྩེ་མོ་དོན་གྱི་ས་གཅོད་དམ་པ་འབུམ་བསྡུས་པ་རྫོགས་སོ།།

 


 

心髓明点遍布经

(雍仲本教心经)

象雄语曰:古各肖蒙萨卫让,牟耶西拉仲哉南,肖桑桑代,唉玛吙!

吐蕃语曰:赤杰伊盖松句,曼啊各东丹巴,坎嘉丹啦帕巴,董差佳巴匝卫奔莱,斯贝朗西,册各哉冒,东杰萨觉,顿乌久巴,宛波当宝,莱乌托玛沃。

 

汉语曰:以幻化三十字母,示秘诀深义,决择八界,十万根本经之世间序言、绝顶词句、深义章节、首部、第一卷、初品也。

 

如是我闻一时,敦巴辛饶弥沃,于妙高山王宫殿,光明妙高神山之巅,与五千五百小辛波,至圣眷属三百六十叶辛圣众等俱,彼时,赤本桑瓦昂让,与一切雍仲勇识眷属,敬献无上全施云供,而后敦巴辛饶弥沃,以大悲加持,意入清净定,为无上清净义,发全然天成宏业愿,尔时,辛饶弥沃宣示:赤本桑瓦昂让,以及雍仲勇识眷属众,一切诸法,基或根本,皆为自性,一切诸法,远离有相戏论,本无分别,皆无所缘,皆属平等义,雍仲勇识圣众,恭听此法,一切诸法,本性无缘,安住原品,唯一明点,如此,色受行想识五蕴,眼色耳声,鼻香舌味,身触意法,眼耳鼻识,舌身意识,眼聚而以触识缘所受,耳聚而以触识缘所受,鼻聚而以触识缘所受,舌聚而以触识缘所受,身聚而以触识缘所受,意聚而以触识缘所受,风火水界,土空识界,无明行识,名色六入,触受爱取,有生老死,一切烦恼,轮回诸法,本性无缘,安住原品,唯一明点。如此,施度戒度,忍度精进,定度力度,悲度愿度,方便慧度,无上十度。外空内空,内外两空,有为空,无为空,毕竟空,不可得空,大空,胜义空,本性空,无本性空,自性空,无际空,无散空,无性空,无性自性空,一切法空,空空。四念住,四正断,四神足,诸根等持,辛饶四正道,无畏力,解脱八道,不回返果,一来回果,预流果,无量四悲,雍仲本九不分不合法,清净明智,本雍仲九域,五大本智,雍仲九支,辛饶四谛,四无碍解,不忘总持,渐次九等至,无相四等至,法雍仲诸域,恒住大悲,大悟见地,无守誓言,任运宏业,清净行止,妙生功德,等住自性,不变之身,无自性语,等无惑意,遍知一切智,无上清净圆满果等一切寂灭诸法,本性无缘,安住原品,唯一明点。以诸法印,妙哉也!

 

啊嗡吽让匝,萨萨勒桑唉耶索哈。聚精华真言,念诵此咒,即刻使未熟者获成熟,未解脱者得解脱,已解脱者得圆满,愿诸一切皆于平等性,得圆满正觉果。清净圆满正等觉,辛饶所宣之正法,心髓明点遍布经,众眷随喜皆赞叹!

 

根本十万部之世间序言、绝顶词句、深义章节、至圣略义部,业已完满。

མཁར་ནག་སྐལ་བཟང་རྒྱ་མཚོས་བསྒྱུར།

乙未年季秋初一吉日,

由卡纳尔·格桑嘉措恭译于北京颐和山庄。

 

 

文章录入:红尘法远    责任编辑:红尘法远 
  • 上一篇文章:

  • 下一篇文章:
  • 【字体: 】【发表评论】【加入收藏】【告诉好友】【打印此文】【关闭窗口
     
         

         
     
    文章 搜索 高级搜索
     
         
    | 网站简介 | 广告服务 | 联系我们 | 帮助心 | 友情链接 | 客户留言 | 管理登录 | 
    Copyright 2009 雍仲本波网
    京ICP 备12041266 站长: 红尘法远
    版权所有: 雍仲文化传播中心
    本站承诺:为更好的弘扬雍仲本教,本站所有搜集的资源均来自互联网,如果侵犯了您的权利,请及时通知我们!